9.3 Sentence Structure 1: Welcoming Guests and Giving a House Tour

How to Welcome Someone and Show Them Around Your Home


Use the audio file and practice the following questions and answers.

Number Question: ཨེ་མ། Answer: བསྟན་འཛིན།
1. བསྟན་འཛིན་ལགས། ཉིན་དྲོ་བདེ་ལེགས། ཡར་ཕེབས་གནང་། ཉིན་དྲོ་བདེ་ལེགས། ཨེ་མ་ལགས།
2. བཞུགས་དང་། གསོལ་ཇ་མཆོད་དང་། ཐུགས་རྗེ་ཆེ། ང་གསོལ་ཇ་ཞུ་ཡི་མིན།
3. སྔོན་ལ་ཁྱེད་རང་གི་ཁང་པ་བསྟན་རོགས་གནང་། ང་མཉམ་དུ་ཕེབས་དང་། ང་ཚོ་ཐོག་ག་ལ་ཕེབས་དོ།
4. ཁང་པ་འདི་ལ་ཁང་མིག་ག་ཚོད་ཡོད་རེད། ཁང་པ་འདི་ལ་ཁང་མིག་བཞི་ཡོད་རེད།
5. ཁང་པ་འདི་གསར་པ་རེད་དམ་ཡང་ན་རྙིང་པ་རེད། ཁང་པ་འདི་གསར་པ་མ་རེད། ཁང་པ་འདི་རྙིང་པ་རེད།
6. འདི་སུའི་ཉལ་ཁང་རེད། ཉལ་ཁང་འདི་སྙིང་རྗེ་པོ་ཞེ་དྲག་འདུག འདི་ངའི་ཉལ་ཁང་རེད། ཨ་ནི་ཉལ་ཁང་གི་ཁ་སྤྲོད་འདི་ངའི་ལས་ཁུངས་རེད།

Challenge Yourself


Activity 1: Match the Sentences

Work with your partner or do this individually. Find the correct Tibetan sentences that match the English sentences and read them out loud.

Activity 2: Read Aloud

If you get an error message when you press the Record button, it may be that your browser does not support this recording device.

Please try again in a browser like Chrome.

Number Tibetan English
1. ཉིན་དྲོ་བདེ་ལེགས། ཡར་ཕེབས་གནང་། Good afternoon. Please come in!
2. ཁྱེད་རང་གི་ཁང་པ་ཡག་ག་ལ། Your house is very beautiful!
3. བཞུགས་དང་། གསོལ་ཇ་མཆོད་དང་། Please sit and have tea.
4. ཐུགས་རྗེ་ཆེ། ང་གསོལ་ཇ་ཞུ་ཡི་མིན། Thank you. I don’t want tea.
5. སྔོན་ལ་ཁྱེད་རང་གི་ཁང་པ་བསྟན་རོགས་གནང་། Please show me your house first.
6. ང་མཉམ་དུ་ཕེབས་དང་། ང་ཚོ་ཐོག་ག་ལ་ཕེབས་དོ། Please come with me. Let’s go upstairs.
7. ཁང་པ་འདི་ལ་ཁང་མིག་ག་ཚོད་ཡོད་རེད། How many rooms does this house have?
8. ཁང་པ་འདི་ལ་ཁང་མིག་བཞི་ཡོད་རེད། This house has four rooms.
9. ཁང་པ་འདི་གསར་པ་རེད་དམ་ཡང་ན་རྙིང་པ་རེད། Is this house new or old?
10. ཁང་པ་འདི་གསར་པ་མ་རེད། ཁང་པ་འདི་རྙིང་པ་རེད། This house is not new. It is an old house.

License

Icon for the Creative Commons Attribution-NonCommercial 4.0 International License

Basic Tibetan Copyright © 2026 by Jampa Khedup and Sonam Tsering is licensed under a Creative Commons Attribution-NonCommercial 4.0 International License, except where otherwise noted.