9.1 Dialogue གླེང་མོལ།
The conversation takes place between Ema and Tenzin. Ema is showing her house to Tenzin.
Use the audio file and practice the following dialogue between Emma and Tenzin.
| ཨེ་མ། བསྟན་འཛིན་ལགས། ཉིན་དྲོ་བདེ་ལེགས། ཡར་ཕེབས་གནང་།
བསྟན་འཛིན། ཉིན་དྲོ་བདེ་ལེགས། ཨེ་མ་ལགས། ཁྱེད་རང་གི་ཁང་པ་ཡག་ག་ལ། |
| ཨེ་མ། ཐུགས་རྗེ་ཆེ།བསྟན་འཛིན་ལགས།བཞུགས་དང་།གསོལ་ཇ་མཆོད་དང་།
བསྟན་འཛིན། ཐུགས་རྗེ་ཆེ། གསོལ་ཇ་ཞུ་ཡི་མིན། སྔོན་ལ་ཁྱེད་རང་གི་ཁང་པ་བསྟན་རོགས་གནང་། |
| ཨེ་མ། འོ་ན་ང་མཉམ་དུ་ཕེབས་དང་། ང་ཚོ་ཐོག་ག་ལ་ཕེབས་དོ།
བསྟན་འཛིན། ཁང་པ་འདི་ལ་ཁང་མིག་ག་ཚོད་ཡོད་རེད། ཁང་པ་འདི་གསར་པ་རེད་དམ་ཡང་ན་རྙིང་པ་རེད། |
| ཨེ་མ། ཁང་པ་འདི་ལ་ཁང་མིག་བཞི་ཡོད་རེད། ཁང་པ་འདི་གསར་པ་མ་རེད། རྙིང་པ་རེད།
བསྟན་འཛིན། འདི་སུའི་ཉལ་ཁང་རེད། ཁྱེད་རང་གི་ཉལ་ཁང་རེད་པས |
| ཨེ་མ། ལགས་མ་རེད། འདི་ངའི་གཅེན་མོའི་ཉལ་ཁང་རེད། འདི་ང་ཚོའི་ལས་ཁུངས་རེད། ལས་ཁུངས་ཀྱི་འཁྲིས་འདི་འཁྲུ་ཁང་རེད།
འཁྲུ་ཁང་གི་གཡས་འདི་གསང་སྤྱོད་རེད། བསྟན་འཛིན། ཁྱེད་རང་ཚོའི་ཐབ་ཚང་ག་པར་ཡོད་རེད། |
| ཨེ་མ། ང་ཚོའི་ཐབ་ཚང་བར་ཁང་ལ་ཡོད། ད་ང་ཚོ་བར་ཁང་ལ་ཕེབས་དོ། ང་ཚོའི་ཐབ་ཚང་གི་རྒྱབ་ལ་ཀ་ཕིབས་ཆུང་ཆུང་གཅིག་ཡོད།
ཀ་ཕིབས་ཀྱི་མདུན་ལ་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་ཀྱང་ཡོད། བསྟན་འཛིན། ཨ་ནི་ཁྱེད་རང་གི་ཁང་པ་ལ་རླངས་འཁོར་བཞག་ས་ག་ཚོད་ཡོད་རེད། |
| ཨེ་མ། ངའི་ཁང་པ་ལ་རླངས་འཁོར་བཞག་ས་གསུམ་ཡོད་རེད། ང་ཚོའི་རླངས་འཁོར་བཞག་ས་ཆེན་པོ་ཡོད་རེད།
བསྟན་འཛིན། དངོས་གནས་ཁང་པ་སྙིང་རྗེ་པོ་ཞེ་དྲགས་འདུག ང་ཁྱེད་རང་གི་ཁང་པ་ལ་སྣང་བ་ཕྱིན་སོང་། |
| ཨེ་མ། ཐུགས་རྗེ་ཆེ། ད་ང་ཚོ་འོག་ལ་ཕེབས། དེ་ནས་གསོལ་ཇ་མཆོད་དོ།
བསྟན་འཛིན། ལགས་སོ། འོ་ན་ཕེབས་དོ། |