10.1 Dialogue གླེང་མོལ།
Tenzin and Ema meet in class and discuss their daily routines with each other.
Use the audio file and practice the following dialogue.
| ཨེ་མ། བསྟན་འཛིན་ལགས། ཆུ་ཚོད་ག་ཚོད་རེད། བསྟན་འཛིན། ཆུ་ཚོད་དགུ་དང་ཕྱེད་ཀ་རེད། |
| ཨེ་མ། ཨ་ལས། ཆུ་ཚོད་དགུ་དང་ཕྱེད་ཀ་་ཟིན་འདུག་གས། བསྟན་འཛིན། ཆུ་ཚོད་དགུ་དང་ཕྱེད་ཀ་ཟིན་འདུག ཁྱེད་རང་ལ་འཛིན་གྲྭ་ཡོད་པས། |
| ཨེ་མ། དེ་རིང་ང་ལ་འཛིན་གྲྭ་གསུམ་ཡོད། ཁྱེད་རང་ག་དུས་ལངས་པ་ཡིན། བསྟན་འཛིན། ང་ལ་ཆུ་ཚོད་དགུ་པ་ལ་ལངས་པ་ཡིན། ཞོགས་པ་ལངས་ནས་ཇ་ཁང་ལ་ཕྱིན་པ་ཡིན། |
| ཨེ་མ། ཨ་ལས། ཇ་ཁང་ག་གི་ལ་ཕྱིན་པ་ཡིན། ཁྱེད་རང་གིས་ཞོགས་ཟས་བཟས་པ་ཡིན་པས། བསྟན་འཛིན། ང་བོད་ཆུང་ཆུང་ཇ་ཁང་ལ་ཕྱིན་པ་ཡིན། ངས་བོད་ཇ་དང་བོད་ཀྱི་བག་ལེབ་བཟས་པ་ཡིན། |
| བསྟན་འཛིན། ཨེ་མ་ལགས། ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡོད། ཆུ་ཚོད་དགུ་དང་ཕྱེད་ཀ་ཟིན་འདུག ཨེ་མ། ངས་གྲ་སྒྲིག་བྱེད་ཀྱི་ཡོད། ངའི་འཛིན་གྲྭ་ཆུ་ཚོད་བཅུ་པ་ལ་རེད། |
| བསྟན་འཛིན། ཁྱེད་རང་གིས་སློབ་ཚན་ག་རེ་ག་རེ་སློབ་སྦྱོང་བྱེད་ཀྱི་ཡོད། ཨེ་མ། ངས་ཚན་རིག་སློབ་སྦྱོང་བྱེད་ཀྱི་ཡོད། མ་ཟད་བོད་སྐད་ཡང་སློབ་སྦྱོང་བྱེད་ཀྱི་ཡོད། |
| ཨེ་མ། དགོང་དྲོ་ཆུ་ཚོད་དྲུག་པ་ལ་ག་རེ་བྱ་ཡི་ཡིན། བྲེལ་བ་ཡོད་པས། བསྟན་འཛིན། དེ་རིང་དགོང་དྲོ་ང་ལ་བྲེལ་བ་མེད། འཆམ་འཆམ་ལ་ཕེབས་ཀྱི་ཡིན་པས། |
| ཨེ་མ། ལགས་རེད། ང་གཉིས་དགོང་དྲོ་བོད་པའི་ཟ་ཁང་ལ་འགྲོ་ཡི་ཡིན་པས། བསྟན་འཛིན། ཏག་ཏག་རེད། ང་ཚོ་ཆུ་ཚོད་ (༦) དྲུག་པ་ཙམ་ལ་བོད་པའི་ཟ་ཁང་ལ་ཕེབས་དོ། |
| བསྟན་འཛིན། ཁྱེད་རང་གི་འཛིན་གྲྭ་རྗེས་མ་དེ་ཆུ་ཚོད་ག་ཚོད་ལ་རེད། ཨེ་མ། ངའི་འཛིན་གྲྭ་རྗེས་མ་དེ་ཆུ་ཚོད་བཅུ་པ་ལ་རེད། ཁྱེད་རང་ལ་ཆུ་ཚོད་བཅུ་པ་ལ་འཛིན་གྲྭ་ཡོད་པས། |
| བསྟན་འཛིན། ང་ལ་ཆུ་ཚོད་བཅུ་པ་ལ་འཛིན་གྲྭ་མེད། ཡིན་ནའང་ཆུ་ཚོད་བཅུ་པ་ལ་དཔེ་མཛོད་ཁང་ལ་འགྲོ་ཡི་ཡིན། ཨེམ། ཨ་ལས། ཁྱེད་རང་དཔེ་མཛོད་ཁང་ག་གི་ལ་འགྲོ་ཡི་ཡིན། |
| བསྟན་འཛིན། ང་མེ་མོ་རི་ཡལ་དཔེ་མཛོད་ཁང་ལ་འགྲོ་ཡི་ཡིན། ངས་ཆུ་ཚོད་གཉིས་པ་བར་ནང་སྦྱོང་བྱ་ཡི་ཡིན། ཨེ་མ། ལགས་སོ། དགོང་དྲོ་བོད་པའི་ཟ་ཁང་ལ་མཇལ་ཡོང་། སྤྲོ་པོ་གནང་གོ། བསྟན་འཛིན། ལགས་སོ། ཐུགས་རྗེ་ཆེ། དགོང་དྲོ་མཇལ་ཡོང་། |