"

8.1 Dialogue གླེང་མོལ།

Dialogue 1


This conversation takes place between Tenzin and Uma in the classroom. Tenzin describes his family members.

Use the audio file and practice the following dialogue.


Speaker Dialogue
བསྟན་འཛིན། གཟིགས་དང་།  འདི་ང་རེད།
ཨུ་མ། ཨ་ལས།  ཨ་ནི་འདི་སུ་རེད།
བསྟན་འཛིན། འདི་ངའི་གཅེན་པོ་བསྟན་འཛིན་རེད།  ཨ་ནི་འདི་ངའི་གཅེན་མོ་སྒྲོལ་མ་རེད།
ཨུ་མ། ཨ་ལས།  ཁྱེད་རང་གི་གཅེན་པོ་ལོ་ག་ཚོད་རེད།
བསྟན་འཛིན། ངའི་གཅེན་པོ་ལོ་བཅོ་ལྔ་རེད།  ཨ་ནི་ངའི་གཅེན་མོ་ལོ་བཅུ་གསུམ་རེད།
ཨུ་མ། འདི་གཉིས་སུ་རེད།
བསྟན་འཛིན། འདི་གཉིས་ངའི་པ་ལགས་དང་ཨ་མ་ལགས་རེད།  ཨ་ནི་འདི་ང་ཚོའི་ཁྱི་རེད།
ཨུ་མ། འདི་ཁྱེད་རང་གི་རྨོ་མོ་ལགས་རེད་པས།
བསྟན་འཛིན། འདི་ངའི་རྨོ་མོ་ལགས་མ་རེད།  ངའི་སྲུ་མོ་ལགས་རེད།  ཁོང་གི་མཚན་བདེ་སྐྱིད་ལགས་རེད།
ཨུ་མ། སྙིང་རྗེ་པ་ལ།

Dialogue 2


Uma is describing her family members to Tenzin.

Use the audio file and practice the following dialogue.

Speaker Dialogue
ཨུ་མ། བསྟན་འཛིན་ལགས་འདིར་གཟིགས་དང་།  འདི་ངའི་ནང་མི་རེད།
བསྟན་འཛིན། ཨ་ལས།  འདི་ཚོ་སུ་སུ་རེད།  ཁྱེད་རང་ག་གི་རེད།
ཨུ་མ། མདུན་འདི་ང་རེད།  འདི་ངའི་པ་ལགས་ ཊོ་ནི་ དང་ཨ་མ་ལགས་ ཁེ་རི་  རེད།
བསྟན་འཛིན། ཨ་ནི།  འདི་གཉིས་སུ་རེད།
ཨུ་མ། འདི་ངའི་རྨོ་མོ་ལགས་ལི་ས་དང་འདི་ངའི་སྤོ་ལགས་འཇོན་རེད།
བསྟན་འཛིན། འདི་ཚོ་གཉིས་སུ་སུ་རེད།
ཨུ་མ། གཡས་འདི་ངའི་ཨ་ཞང་ལགས་རེད།  ཨ་ནི་གཡོན་འདི་ངའི་སྲུ་མོ་ལགས་རེད།
བསྟན་འཛིན། ཨ་ལས།  དཀྱིལ་དེ་སུ་རེད།
ཨུ་མ། དཀྱིལ་དེ་ངའི་གཅུང་མོ་ཤི་ལ་རེད།
བསྟན་འཛིན། ཨ་ལས།  སྙིང་རྗེ་པ་ལ།
ཨུ་མ། ཐུགས་རྗེ་ཆེ།

 

License

Icon for the Creative Commons Attribution-NonCommercial 4.0 International License

Basic Tibetan Copyright © by Jampa Khedup; Sonam Tsering; Rajiv Ranjan; and Erlin Barnard is licensed under a Creative Commons Attribution-NonCommercial 4.0 International License, except where otherwise noted.