"

5.1 Dialogue གླེང་མོལ།

The following conversation takes place between Tenzin and Tenzin’s friend Gyatso and their classmate Akiko.

Use the audio and practice the following dialogue.


བསྟན་འཛིན། བཀྲ་ཤིས་བདེ་ལེགས། ཁྱེད་རང་ལུང་པ་ག་ནས་ཡིན། Tenzin: Hello! Which country are you from?
ཨ་ཀི་ཀོ། ང་ཉི་ཧོང་ནས་ཡིན། ང་ཉི་ཧོང་བ་ཡིན། Akiko: I am from Japan. I am Japanese.
ཨ་ཀི་ཀོ། ཁྱེད་རང་ག་ནས་ཡིན། ཁྱེད་རང་བོད་པ་ཡིན་པས། Akiko: Where are you from? Are you Tibetan?
བསྟན་འཛིན། ང་བོད་པ་ཡིན། ང་བོད་ནས་ཡིན། Tenzin: I am Tibetan. I am from Tibet.
ཨ་ཀི་ཀོ། ཁོང་སུ་རེད། ཁོང་བོད་པ་རེད་པས། Akiko: Who is she? Is she a Tibetan?
བསྟན་འཛིན། ཁོང་རྒྱ་མཚོ་རེད། ཁོང་ངའི་གྲོགས་མོ་རེད། ཁོང་ཡང་བོད་པ་རེད། Tenzin: She is Gyatso. She is my friend. She is a Tibetan too.
ཨ་ཀི་ཀོ། ཁྱེད་རང་ག་པར་བཞུགས་ཀྱི་ཡོད། Akiko: Where do you live?
བསྟན་འཛིན། ང་རྒྱ་གར་ལ་སྡོད་ཀྱི་ཡོད། Tenzin: I live in India.
བསྟན་འཛིན། ཁྱེད་རང་ག་པར་བཞུགས་ཀྱི་ཡོད། Tenzin: Where do you live?
ཨ་ཀི་ཀོ། ང་ཡང་རྒྱ་གར་ལ་སྡོད་ཀྱི་ཡོད། Akiko: I also live in India.
ཨ་ཀི་ཀོ། ཁྱེད་རང་གི་གྲོགས་མོ་ག་པར་བཞུགས་ཀྱི་ཡོད་རེད། Akiko: Where does your friend live?
བསྟན་འཛིན། ཁོང་ཉི་ཧོང་ལ་བཞུགས་ཀྱི་ཡོད་རེད། Tenzin: She lives in Japan.
ཨ་ཀི་ཀོ། ཁྱེད་རང་གི་ཁ་པར་ཨང་གྲངས་ག་རེ་རེད། ང་ལ་ཁྱེད་རང་གི་ཁ་པར་ཨང་གྲངས་གནང་དང་། Akiko: What is your phone number? Please give me your phone number.
བསྟན་འཛིན། ཡིན་ད་ཡིན། ངའི་ཁ་པར་ཨང་གྲངས་ 608 421 4075 རེད། Tenzin: Sure. My phone number is 608 421 4075
ཨ་ཀི་ཀོ། ང་དགོངས་པ་ཞུ་ཡི་ཡིན། ག་ལེར་བཞུགས། Akiko: I am taking off. Stay well.
བསྟན་འཛིན། ཁྱེད་རང་མཇལ་ནས་དགའ་པོ་ཞེ་དྲགས་བྱུང། Tenzin: It was very lovely to see you.
ཨ་ཀི་ཀོ། གཟིམ་འཇགས་གནང་གོ Akiko: Have a good night / have a good sleep.
བསྟན་འཛིན། སང་ཉིན་མཇལ་ཡོང་། ག་ལེར་ཕེབས། Tenzin: See you tomorrow. Go slow. (don’t fall)
Tibetan
English

License

Icon for the Creative Commons Attribution-NonCommercial 4.0 International License

Basic Tibetan Copyright © by Jampa Khedup; Sonam Tsering; Rajiv Ranjan; and Erlin Barnard is licensed under a Creative Commons Attribution-NonCommercial 4.0 International License, except where otherwise noted.